
སྤྱི་ལོ་ ༢༠༡༠ ལོའི་ཟླ་ ༤ ཚེས་ ༢༢ ཉིན་ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་ཐེངས་དང་པོར་ཐའེ་ཝན་དུ་ནང་ཆོས་ཀྱི་ཆོ་ག་དང་དཔེ་དེབ་སོགས་འགྱུར་གཅིག་གྱུར་ཡོང་ཐབས་དང་། ཚབས་ཆེའི་འགྱུར་ནོར་སོགས་མི་ཡོང་བ་བཅས་ཀྱི་ཐད་ལ་བསམ་ཚུལ་བརྗེ་ལེན་གྱི་ཚོགས་འདུ་འཚོགས་ཤིང་། ཐེངས་དེར་ཐའེ་ཝན་གནས་བཞུགས་དགེ་འདུན་པ་དང་མཁས་དབང་ལོ་ཙཱ་བ་བཅས་ཁག་ཅིག་མཉམ་ཞུགས་གནང་ཡོད།