
སྤྱི་ལོ་༢༠༡༠ ཟླ་༥ ཚེས་ ༨ ཉིན། ཡུལ་ཤུལ་ས་ཡོམ་ཆེན་མོའི་ཁྲོད་ཀྱི་ཚབས་ཆེའི་གནོད་འཚེ་ཕོག་མཁན་གྱི་ཤུལ་ལུས་དག་ལ་རོགས་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་པའི་ཆེད་ཞིབ་འཇུག་ཚོགས་པས་གོ་སྒྲིག་གིས་ཐའེ་བཞུགས་དགེ་འདུན་པས་སྐྱབས་སྨོན་གསོལ་འདེབས་དང་འབྲེལ། ཞལ་འདེབས་བསྡུ་རུབ་དང་འབྲེལ་བའི་ལས་འགུལ་སྤེལ་བ།